གྲྭ་བཙུན་པར་ལེན་པ་ཁྱི་དགའ་ལགས་ནི་1963ལོར་ཡུལ་ཤུལ་འདམ་ཐོག་གྲི་སྒང་དུ་འཁྲུངས་ཤིང་། 1983ལོར་འདམ་ཐོག་དགོན་དུ་རབ་ཏུ་བྱུང་བ་དང་ཆབས་གཅིག་ཏུ་དྲུང་ཡིག་ཆེན་མོའི་འགན་བཞེས། ད་ལྟ་ཁོང་གིས་ཕྱོགས་གཅིག་ནས་པར་ལེན་པ་དང་ཕྱོགས་གཞན་ཞིག་ནས་དགེ་ལས་སྒྲུབ་བཞིན་ཡོད། ཁོང་གིས་གསུང་རྒྱུར། ད་ལྟ་ངས་བླངས་ཤིང་གཅེས་ཉལ་བྱས་པའི་པར་ལ་ཡུལ་ཤུལ་གཙོས་བོད་ཀྱི་ས་གནས་ཡུལ་ལྗོངས་དང་དམངས་སྲོལ་རིག་གནས། མི་སྣ། ཆོས་ལུགས། རི་སྐྱེ་སྲོགས་ཆགས་སོགས་ཀྱི་ནང་དོན་བྱས་པའི་པར་གྲངས་ཀ་བྱེ་བ་གཉིས་ལྷག་ཡོད་ལ། དེ་ལས་པར་རེ་ཟུང་ལ་བྱ་དགའ་དང་གཟེངས་རྟགས་ཐོབ་མྱངས་པར་མ་ཟད་རང་ལ་ཡང་ཡུལ་ཤུལ་ནང་བསྟན་མཐུན་ཚོགས་ཀྱིས་ཆེད་གདན་པར་ལེན་མཁན་གྱི་དཔང་ཡིག་ཐོབ་ཡོད་གསུངས།