(སྒྲོལ་མ་ཚེ་བརྟན་གྱིས་བྲིས། )
ལོ་ཆུང་གྲོང་རྡལ་ནི་སི་ཁྲོན་དང་བོད་ལྗོངས། མཚོ་སྔོན་བཅས་ཀྱི་ས་མཚམས་དང་སེར་ཤུལ་རྫོང་གི་ཁོངས་གཏོགས་འབྲི་ཆུའི་འབབ་རྒྱུད་ན་ཆགས་ཡོད་པ་དང་སེར་ཤུལ་རྫོང་དང་སྤྱི་ལེ་75ལྷག་གི་ལམ་ཐག་ཡོད། མངའ་ཁོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་428.7ལྷག་དང་མཚོ་འཕགས་3200ལྷག་ཡིན། གནས་འདི་རུ་ཉི་འོད་ཀྱི་དྲོད་ཚད་རན་ལ་ཆུ་ཡི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། སི་ཁྲོན་གྱི་བདག་བཟུང་མེད་པའི་རི་སྐྱེས་ཤྭ་མོ་སོགས་ཡོད་སའི་ནགས་ཚལ་གཅིག་པུ་ཡིན། མངའ་ཁོངས་སུ་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས་ཡོད་པ་དང་བྲག་བརྐོས་ལྷ་མོའི་བརྐོས་བརྙན་དང་བེ་རི་རྒྱལ་ཁབ་ཀྱི་གནའ་ཤུལ་དང་ཀྲའོ་ཝེར་ཧྥུང་བཞུགས་སྒར་གྱི་གནའ་ཤུལ་ཡང་ཡོད། ལྷག་པར་དུ་ལོ་ཆུང་གྲོང་རྡལ་ནི་གླིང་རྗེ་གེར་སར་རྒྱལ་པོའི་བློན་ཆེན་ཚ་ཞང་འདན་མ་ཞང་ཁྲའི་ཕ་ཡུལ་ཡིན། །