蒋扬威瑟,自幼对工艺美术情有独钟,师从名师,博采众长,在实践中精益求精,将传统和现代工艺相结合,准确地体现藏传造像艺术的风尚与审美意趣,其作品展现出强烈的民族艺术特色。多年的艺术磨练,使蒋扬威色先生成为一位声名卓著、对藏传造像艺术有精深造诣的艺术大家。他的作品受世界各地信众,收藏者广泛喜爱,佛教圣地五台山供奉的四臂观音,文殊菩萨,格萨尔王,等重要佛像都出自蒋扬先生之手。
近年,为了更好的传承,发扬民族文化工艺,蒋扬先生创建了四川妙吉祥商贸有限公司,致力于培养优秀的专业造像人才,为广大艺术爱好者提供优质平台,共同传承、弘扬传统技艺,使之在科技日新月异的当今社会得以更加蓬勃的发展。
ལྷ་རིས་པ་འཇམ་དབྱངས་འོད་ཟེར་ལགས་ནི་ཁམས་མི་ཉག་རབ་སྒང་ནས་འཚར་ལོངས་བྱུང་བ་ཡིན། ཁོང་ཉིད་ཆུང་དུས་ནས་བཟོ་རིག་དང་མཛེས་རྩལ་ལ་དུང་བ་ཟབ་ཅིང་ཐུགས་རྒྱུད་ལ་ཉམས་རྟོགས་ཀྱི་ཡོན་ཏན་དང་གཞན་ཕན་གྱི་ལྷག་བསམ་གཙང་མ་ཞིག་ཡོད་སྟབས་དགུང་ལོ་དྲུག་གི་སྟེང་ནས་ཡི་གེ་འབྲི་ཀློག་བྱས་ཤིང་ནང་ཆོས་ཀྱི་ཆོ་ག་དང་གཞུང་ལུགས་རྣམས་ལ་སྦྱང་བརྩོན་མཛད། རྗེས་སུ་རིམ་བཞིན་མཁས་ཆེན་གྱི་མཛུབ་སྟོན་འོག་བོད་བརྒྱུད་ནང་བསྟན་བཟོ་རིག་གི་ཐིག་རྩ་དང་མཛེས་རྩལ་སོགས་ཐུན་མིན་ལག་རྩལ་གྱི་མན་ངག་ཀུན་ཅི་ནུས་སྦྱངས་ཏེ། རྒྱ་ནག་རི་བོ་རྩེ་ལྔའི་བྱང་ཆུབ་སྤོར་ནས་རྗེ་བཙུན་འཇམ་པའི་དབྱངས་དང་བི་མ་ལ་མི་ཏྲ་གེ་སར་སྐྱེས་བུ་དོན་འགྲུབ་སོགས་ཀྱི་འདྲ་སྐུ་བཞེངས་པ་དང། ལྔ་རིག་ནང་བསྟན་སློབ་གླིང་གི་སྒྱུ་འཕྲུལ་ལྷ་ཁང་ནང་ལྷ་སྐུ་དང་མཛེས་བགོད་སོགས་ལས་བཟོའི་མཛད་རྗེས་མང་པོ་བཞག
ཉེ་བའི་ལོ་འགའི་རིང་། ཁོང་ཉིད་སྤྱི་ཚོགས་སྟེང་དངོས་སུ་ཞུགས་ཏེ་གསེར་དངུལ་དང་ལི་ཁྲའི་སྐུ་བརྙན་ཆེ་ཆུང་དུ་མ་གསར་བཞེངས་བྱས་ཤིང་ཐོན་རྫས་ཀྱི་མཛེས་ཉམས་དང་རྒྱུ་སྤུས། དེ་མིན་རིན་ཐང་སོགས་ལ་ཕྱོགས་སོ་སོའི་ཡོན་བདག་རྣམས་ཀྱིས་དགའ་བསུ་དང་བསྟོད་བསྔགས་གནང་བཞིན་ཡོད།